疫情防控期间,这30种行为将承担法律责任!(汉藏双语)
2022-09-22 14:20:09      来源:西藏日报    
分享

一、违反疫情防控管控社会管理秩序行为

གཅིག  རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རྒྱུའི་སྤྱི་ཚོགས་ཀྱི་དོ་དམ་སྒྲིག་སྲོལ་ལས་འགལ་བའི་བྱ་སྤྱོད།

1.乘坐公共交通工具,出入小区、超市、菜市场、酒店等公共场所,拒不配合管理人员的劝导佩戴口罩的

涉嫌违反《中华人民共和国治安管理处罚法》(以下简称《治安管理处罚法》)第二十三条,处警告或者200元以下罚款;情节较重的,处以5日以上10日以下拘留,可以并处500元以下罚款。引起新型冠状病毒传播或者有传播严重危险的,可能涉嫌违反《中华人民共和国刑法》(以下简称《刑法》)第三百三十条,构成妨害传染病防治罪。

༡ སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་བསྡད་དེ་སྡེ་ཁུལ་དང་། སྒོ་རྩིས་ཚོང་ཁང་། ཚལ་ཁྲོམ། མགྲོན་ཁང་སོགས་ཀྱི་སྤྱི་པའི་འདུ་འཛོམས་ཁུལ་དུ་ཡར་འཛུལ་མར་དོན་བྱེད་སྐབས། དོ་དམ་མི་སྣར་གཏན་ནས་གཞོགས་འདེགས་མི་བྱེད་པར་ཁ་རས་མི་རྒྱག་པའི་རིགས།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》(གཤམ་ལ《བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》སུ་བསྡུས་རྒྱུ)ཀྱི་དོན་ཚན་ཉེར་སུམ་པའི་གཏན་འབེབས་ལས་འགལ་བའི་དོགས་གཞི་ཡོད་ཚེ། ཐ་ཚིག་བསྒྲག་པའམ་ཡང་ན་སྒོར་200མན་ཆད་ཀྱི་དངུལ་ཆད་གཅོད་རྒྱུ་དང་། ཉེས་ཚབས་ཅུང་ཆེན་པོ་ཡིན་ཚེ། ཉིན་5ཡན་ཆད་དང་ཉིན་10མན་ཆད་ཀྱི་བཀག་ཉར་བྱེད་རྒྱུ་མ་ཟད་དུས་གཅིག་ཏུ་སྒོར་500མན་ཆད་ཀྱི་དངུལ་ཆད་གཅོད་རྒྱུ། ཏོག་གསར་ནད་དུག་འགོས་ཁྱབ་བྱེད་པའམ་ཡང་ན་འགོས་ཁྱབ་ཀྱི་ཉེན་ཁ་ཚབས་ཆེན་བཟོས་ཚེ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》(གཤམ་ལ《ཉེས་ཁྲིམས》སུ་བསྡུས་རྒྱུ)ཀྱི་དོན་ཚན་སུམ་བརྒྱ་སུམ་ཅུ་པའི་གཏན་འབེབས་ལས་འགལ་བའི་དོགས་གཞི་ཡོད་པས། འགོས་ནད་འགོག་བཅོས་བྱེད་རྒྱུར་གནོད་འཚེ་གཏོང་བའི་བྱས་ཉེས་སུ་གྲུབ་ཡོད།

2.出入小区、超市、菜市场、酒店等有关场所,拒不配合健康信息核查,拒绝配合身份登记规定的

涉嫌违反《治安管理处罚法》第五十条,处警告或者200元以下罚款;情节严重的,处5日以上10日以下拘留,可以并处500元以下罚款。引起新型冠状病毒传播或者有传播严重危险的,可能涉嫌违反《刑法》第三百三十条,构成妨害传染病防治罪。

༢ སྡེ་ཁུལ་དང་། སྒོ་རྩིས་ཚོང་ཁང་། ཚལ་ཁྲོམ། མགྲོན་ཁང་སོགས་ཀྱི་སྤྱི་པའི་འདུ་འཛོམས་ཁུལ་དུ་ཡར་འཛུལ་མར་དོན་བྱེད་སྐབས། གཏན་ནས་གཞོགས་འདེགས་མི་བྱེད་པར་བདེ་ཐང་གི་ཆ་འཕྲིན་ཞིབ་དཔྱད་མི་བྱེད་པ་དང་ཐོབ་ཐང་ཐོ་འགོད་མི་བྱེད་པའི་རིགས།

《བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བཅུ་པའི་གཏན་འབེབས་ལས་འགལ་བའི་དོགས་གཞི་ཡོད་ཚེ། ཐ་ཚིག་བསྒྲག་པའམ་ཡང་ན་སྒོར་200མན་ཆད་ཀྱི་དངུལ་ཆད་གཅོད་རྒྱུ་དང་། བྱས་ཉེས་ཚབས་ཆེན་པོ་ཡིན་ཚེ། ཉིན་5ཡན་ཆད་དང་ཉིན་10མན་ཆད་ཀྱི་བཀག་ཉར་བྱེད་རྒྱུ་མ་ཟད་དུས་གཅིག་ཏུ་སྒོར་500མན་ཆད་ཀྱི་དངུལ་ཆད་གཅོད་རྒྱུ། ཏོག་གསར་ནད་དུག་འགོས་ཁྱབ་བྱེད་པའམ་ཡང་ན་འགོས་ཁྱབ་ཀྱི་ཉེན་ཁ་ཚབས་ཆེན་བཟོས་ཚེ། 《ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་སུམ་ཅུ་པའི་གཏན་འབེབས་ལས་འགལ་བའི་དོགས་གཞི་ཡོད་པས། འགོས་ནད་འགོག་བཅོས་བྱེད་རྒྱུར་གནོད་འཚེ་གཏོང་བའི་བྱས་ཉེས་སུ་གྲུབ་ཡོད།

3.封控、封闭小区的居民拒不配合封控管理,违反疫情防控指挥部相关规定,擅自外出、聚集的

违反《治安管理处罚法》第五十条,将处以警告或者200元以下罚款;情节严重的,将处以5日以上10日以下拘留,可并处500元以下罚款。引起新型冠状病毒传播或者有传播严重危险的,可能涉嫌《刑法》第三百三十条,构成妨害传染病防治罪;确诊病人、病原携带者,隐瞒病情、瞒报行程信息,进入公共场所或者乘坐公共交通工具,造成新型冠状病毒传播的,可能涉嫌《刑法》第一百一十四条、第一百一十五条,构成以危险方法危害公共安全罪。

༣ སྒོ་སྡོམ་སྡེ་ཁུལ་ནང་གི་གྲོང་མིས་སྒོ་སྡོམ་དོ་དམ་བྱེད་རྒྱུར་གཞོགས་འདེགས་གཏན་ནས་མི་བྱེད་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་བཀོད་འདོམས་པུའུ་ཡི་འབྲེལ་ཡོད་གཏན་འབེབས་ལས་འགལ་ནས། རང་དགར་ཕྱི་རུ་དོན་པ་དང་འདུ་འཛོམས་བྱེད་པའི་རིགས།

《བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བཅུ་པའི་གཏན་འབེབས་ལས་འགལ་བའི་དོགས་གཞི་ཡོད་ཚེ། ཐ་ཚིག་བསྒྲག་པའམ་ཡང་ན་སྒོར་200མན་ཆད་ཀྱི་དངུལ་ཆད་གཅོད་རྒྱུ་དང་། བྱས་ཉེས་ཚབས་ཆེན་པོ་ཡིན་ཚེ། ཉིན་5ཡན་ཆད་དང་ཉིན་10མན་ཆད་ཀྱི་བཀག་ཉར་བྱེད་རྒྱུ་མ་ཟད་དུས་གཅིག་ཏུ་སྒོར་500མན་ཆད་ཀྱི་དངུལ་ཚད་གཅོད་རྒྱུ། ཏོག་གསར་ནད་དུག་འགོས་ཁྱབ་བྱེད་པའམ་ཡང་ན་འགོས་ཁྱབ་ཀྱི་ཉེན་ཁ་ཚབས་ཆེན་བཟོས་ཚེ། 《ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་སུམ་ཅུ་པའི་གཏན་འབེབས་ལས་འགལ་བའི་དོགས་གཞི་ཡོད་པས། འགོས་ནད་འགོག་བཅོས་བྱེད་རྒྱུར་གནོད་འཚེ་གཏོང་བའི་བྱས་ཉེས་སུ་གྲུབ་ཡོད། ནད་རྟགས་ཐོན་མཁན་དང་ནད་དུག་ཡོད་མཁན་གྱིས་ནད་གཞི་ཕོག་ཚུལ་སྦས་གསང་བྱས་པ་དང་འགྲོ་འོང་བཤེར་རིས་གསང་ནས། སྤྱི་པའི་འདུ་འཛོམས་ཁུལ་དུ་སོང་བའམ་ཡང་ན་སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་བསྡད་དེ་ཏོག་གསར་ནད་དུག་འགོས་ཁྱབ་བྱས་ཚེ། 《ཉེས་ཁྲིམས》ཀྱི་དོན་ཚན་བརྒྱ་དང་བཅུ་བཞི་པ་དང་། དོན་ཚན་བརྒྱ་དང་བཅོ་ལྔ་པའི་གཏན་འབེབས་ལས་འགལ་བའི་དོགས་གཞི་ཡོད་པས། སྤྱིའི་བདེ་དོན་ལ་གནོད་འཚེ་གཏོང་བའི་བྱས་ཉེས་སུ་གྲུབ་ཡོད།

4.经过疫情防控卡点的车辆和人员,以冲卡或者其他方法,拒不配合、接受卡点工作人员检查的

违反《治安管理处罚法》第五十条,将处以警告或者200元以下罚款;情节严重的,处5日以上10日以下拘留,可并处500元以下罚款。引起新型冠状病毒传播或者有传播严重危险的,可能涉嫌《刑法》第三百三十条,构成妨害传染病防治罪。

༤ རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགག་སྒོ(ཞིབ་བཤེར་ས་ཚིགས)བརྒྱུད་མཁན་གྱི་རླངས་འཁོར་དང་འགྲུལ་པས་ལས་དོན་མི་སྣར་གཞོགས་འདེགས་མི་བྱེད་པར་ཞིབ་བཤེར་དང་ལེན་མི་བྱེད་པའི་རིགས།

《བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བཅུ་པའི་གཏན་འབེབས་ལས་འགལ་བའི་དོགས་གཞི་ཡོད་ཚེ། ཐ་ཚིག་བསྒྲག་པའམ་ཡང་ན་སྒོར་200མན་ཆད་ཀྱི་དངུལ་ཆད་གཅོད་རྒྱུ་དང་། བྱས་ཉེས་ཚབས་ཆེན་པོ་ཡིན་ཚེ། ཉིན་5ཡན་ཆད་དང་ཉིན་10མན་ཆད་ཀྱི་བཀག་ཉར་བྱེད་རྒྱུ་མ་ཟད་དུས་གཅིག་ཏུ་སྒོར་500མན་ཆད་ཀྱི་དངུལ་ཆད་གཅོད་རྒྱུ། ཏོག་གསར་ནད་དུག་འགོས་ཁྱབ་བྱེད་པའམ་ཡང་ན་འགོས་ཁྱབ་ཀྱི་ཉེན་ཁ་ཚབས་ཆེན་བཟོས་ཚེ། 《ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་སུམ་ཅུ་པའི་གཏན་འབེབས་ལས་འགལ་བའི་དོགས་གཞི་ཡོད་པས། འགོས་ནད་འགོག་བཅོས་བྱེད་རྒྱུར་གནོད་འཚེ་གཏོང་བའི་བྱས་ཉེས་སུ་གྲུབ་ཡོད།

5.纳入核酸检测范围的人群,不参加统一组织的核酸检测的

违反《突发公共卫生事件应急条例》第五十一条,有关单位和个人不配合调查、采样、技术分析和检验,可能触犯《治安管理处罚法》,构成违反治安管理行为的,将由公安机关依法予以处罚;涉嫌构成犯罪的,将依照《刑法》第三百三十条以涉嫌妨害传染病防治罪追究刑事责任。

༥ ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་བྱེད་ཁོངས་སུ་བཅུག་པའི་མི་ཚོགས་ཀྱིས་གཅིག་གྱུར་སྒྲིག་འཛུགས་བྱས་པའི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་ནང་མི་ཞུགས་པའི་རིགས།

《ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་འཕྲལ་སྡོམ་སྲོལ་ཡིག》ཀྱི་དོན་ཚན་ལྔ་བཅུ་ང་གཅིག་པའི་གཏན་འབེབས་ལས་འགལ་ནས། འབྲེལ་ཡོད་ཚན་པ་དང་མི་སྒེར་གྱིས་བརྟག་དཔྱད་དང་། མ་དཔེ་ལེན་པ། ལག་རྩལ་དབྱེ་ཞིབ། ཞིབ་དཔྱད་བཅས་བྱེད་རྒྱུར་གཏན་ནས་གཞོགས་འདེགས་མ་བྱས་པར། 《བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ལས་འགལ་ཚེ། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་བཞིན་ཉེས་ཆད་གཅོད་རྒྱུ། གལ་ཏེ་བྱས་ཉེས་སུ་གྲུབ་པའི་དོགས་གཞི་ཡོད་ཚེ། 《ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་སུམ་ཅུ་པའི་གཏན་འབེབས་གཞིར་བཟུང་། འགོས་ནད་འགོག་བཅོས་བྱེད་རྒྱུར་གནོད་འཚེ་གཏོང་བའི་དོགས་གཞི་ཡོད་པར་རྩིས་ཏེ་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་རྒྱུ།

6.健康码为黄码、红码的人员,不按照规定居家健康监测或者集中隔离观察的

涉嫌违反《治安管理处罚法》第五十条,处警告或者200元以下罚款;情节严重的,处5日以上10日以下拘留,可以并处500元以下罚款。引起新型冠状病毒传播或者有传播严重危险的,可能涉嫌违反《刑法》第三百三十条,构成妨害传染病防治罪。

༦ བདེ་ཐང་བཤེར་རིས་གསེར་པོ་དང་དམར་པོ་ཡིན་མཁན་གྱིས་གཏན་འབེབས་གཞིར་བཟུང་རང་ཁྱིམ་དུ་ནད་བདེ་ཐང་ཐད་ཀྱི་ལྟ་ཞིབ་ཚད་ལེན་མི་བྱེད་པའམ་ཡང་ན་གཅིག་སྡུད་ཐོག་ལོགས་བཀར་ལྟ་ཞིབ་མི་བྱེད་པའི་རིགས།

《བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བཅུ་པའི་གཏན་འབེབས་ལས་འགལ་བའི་དོགས་གཞི་ཡོད་ཚེ། ཐ་ཚིག་བསྒྲག་པའམ་ཡང་ན་སྒོར་200མན་ཆད་ཀྱི་དངུལ་ཆད་གཅོད་རྒྱུ་དང་། བྱས་ཉེས་ཚབས་ཆེན་པོ་ཡིན་ཚེ། ཉིན་5ཡན་ཆད་དང་ཉིན་10མན་ཆད་ཀྱི་བཀག་ཉར་བྱེད་རྒྱུ་མ་ཟད་དུས་གཅིག་ཏུ་སྒོར་500མན་ཆད་ཀྱི་དངུལ་ཆད་གཅོད་རྒྱུ། ཏོག་གསར་ནད་དུག་འགོས་ཁྱབ་བྱེད་པའམ་ཡང་ན་འགོས་ཁྱབ་ཀྱི་ཉེན་ཁ་ཚབས་ཆེན་བཟོས་ཚེ། 《ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་སུམ་ཅུ་པའི་གཏན་འབེབས་ལས་འགལ་བའི་དོགས་གཞི་ཡོད་པས། འགོས་ནད་འགོག་བཅོས་བྱེད་རྒྱུར་གནོད་འཚེ་གཏོང་བའི་བྱས་ཉེས་སུ་གྲུབ་ཡོད།

7.隐瞒病情、瞒报行程信息(尤其是重点地区旅居史)、隐瞒与确诊病例或者疑似病例有密切接触史的

违反《治安管理处罚法》第五十条,将处以警告或者200元以下罚款;情节严重的,将处以5日以上10日以下拘留,可并处500元以下罚款。引起新型冠状病毒传播或者有传播严重危险的,可能涉嫌《刑法》第三百三十条相关规定,构成妨害传染病防治罪;确诊病人、病原携带者,隐瞒病情、瞒报行程信息,进入公共场所或者乘坐公共交通工具,造成新型冠状病毒传播的,可能涉嫌《刑法》第一百一十四条、第一百一十五条,构成以危险方法危害公共安全罪。

༧ ནད་གཞི་ཕོག་ཚུལ་སྦས་གསང་དང་། འགྲོ་འོང་ཆ་འཕྲིན(ལྷག་པར་དུ་གཙོ་གནད་ས་ཁུལ་དུ་ཡུལ་སྐོར་བྱེད་མྱོང་ཡོད་པ)སྦས་གསང་། ནད་གཞི་ཕོག་མཁན་ནམ་ཡང་ན་དོགས་ཡོད་ནད་དཔེ་དང་འབྲེལ་ཐུག་དམ་ཟབ་ཡོད་ཚུལ་སྦས་གསང་བྱེད་རིགས།

《བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བཅུ་པའི་གཏན་འབེབས་ལས་འགལ་བའི་དོགས་གཞི་ཡོད་ཚེ། ཐ་ཚིག་བསྒྲག་པའམ་ཡང་ན་སྒོར་200མན་ཆད་ཀྱི་དངུལ་ཆད་གཅོད་རྒྱུ་དང་། བྱས་ཉེས་ཚབས་ཆེན་པོ་ཡིན་ཚེ། ཉིན་5ཡན་ཆད་དང་ཉིན་10མན་ཆད་ཀྱི་བཀག་ཉར་བྱེད་རྒྱུ་མ་ཟད་དུས་གཅིག་ཏུ་སྒོར་500མན་ཆད་ཀྱི་དངུལ་ཚད་གཅོད་རྒྱུ། ཏོག་གསར་ནད་དུག་འགོས་ཁྱབ་བྱེད་པའམ་ཡང་ན་འགོས་ཁྱབ་ཀྱི་ཉེན་ཁ་ཚབས་ཆེན་བཟོས་ཚེ། 《ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་སུམ་ཅུ་པའི་གཏན་འབེབས་ལས་འགལ་བའི་དོགས་གཞི་ཡོད་པས། འགོས་ནད་འགོག་བཅོས་བྱེད་རྒྱུར་གནོད་འཚེ་གཏོང་བའི་བྱས་ཉེས་སུ་གྲུབ་ཡོད། ནད་རྟགས་ཐོན་མཁན་དང་ནད་དུག་ཡོད་མཁན་གྱིས་ནད་གཞི་ཕོག་ཚུལ་སྦས་གསང་བྱས་པ་དང་འགྲོ་འོང་བཤེར་རིས་གསང་ནས། སྤྱི་པའི་འདུ་འཛོམས་ཁུལ་དུ་སོང་བའམ་ཡང་ན་སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་བསྡད་དེ་ཏོག་གསར་ནད་དུག་འགོས་ཁྱབ་བྱས་ཚེ། 《ཉེས་ཁྲིམས》ཀྱི་དོན་ཚན་བརྒྱ་དང་བཅུ་བཞི་པ་དང་། དོན་ཚན་བརྒྱ་དང་བཅོ་ལྔ་པའི་གཏན་འབེབས་ལས་འགལ་བའི་དོགས་གཞི་ཡོད་པས། སྤྱིའི་བདེ་དོན་ལ་གནོད་འཚེ་གཏོང་བའི་བྱས་ཉེས་སུ་གྲུབ་ཡོད།

8.拒绝配合疾控和公安部门开展的疫情流行病学调查工作的

违反《治安管理处罚法》第五十条,将处以警告或者200元以下罚款;情节严重的,将处以5日以上10日以下拘留,可并处500元以下罚款。可能涉嫌《刑法》第三百三十条相关规定,构成妨害传染病防治罪。以暴力、威胁方法阻碍国家机关工作人员(包括在国家机关中从事疫情防控公务的人员)依法开展疫情调查工作的,可能涉嫌《刑法》第二百七十七条,构成妨害公务罪。

༨ ནད་ཡམས་འགོག་ཟོན་དང་སྤྱི་བདེ་ལས་ཁུངས་ཀྱིས་རིམས་ནད་རིག་པའི་བརྟག་དཔྱད་ལས་དོན་སྤེལ་བར་གཏན་ནས་གཞོགས་འདེགས་མི་བྱེད་པའི་རིགས།

《བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བཅུ་པའི་གཏན་འབེབས་ལས་འགལ་བའི་དོགས་གཞི་ཡོད་ཚེ། ཐ་ཚིག་བསྒྲག་པའམ་ཡང་ན་སྒོར་200མན་ཆད་ཀྱི་དངུལ་ཆད་གཅོད་རྒྱུ་དང་། བྱས་ཉེས་ཚབས་ཆེན་པོ་ཡིན་ཚེ། ཉིན་5ཡན་ཆད་དང་ཉིན་10མན་ཆད་ཀྱི་བཀག་ཉར་བྱེད་རྒྱུ་མ་ཟད་དུས་གཅིག་ཏུ་སྒོར་500མན་ཆད་ཀྱི་དངུལ་ཚད་གཅོད་རྒྱུ། 《ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་སུམ་ཅུ་པའི་གཏན་འབེབས་ལས་འགལ་བའི་དོགས་གཞི་ཡོད་པས། འགོས་ནད་འགོག་བཅོས་བྱེད་རྒྱུར་གནོད་འཚེ་གཏོང་བའི་བྱས་ཉེས་སུ་གྲུབ་ཡོད། རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་མི་སྣས(ལས་ཁུངས་ནང་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་སྤེལ་མཁན་ཡང་ཚུད་ཡོད)ཁྲིམས་ལྟར་རིམས་ནད་བརྟག་དཔྱད་ལས་དོན་སྤེལ་བར་དྲག་ཤུགས་དང་འཇིགས་སྐུལ་གྱི་བྱ་ཐབས་ལ་བརྟེན་ནས་འགོག་རྐྱེན་བཟོས་ཚེ། 《ཉེས་ཁྲིམས》ཀྱི་དོན་ཚན་ཉིས་བརྒྱ་དོན་བདུན་པའི་གཏན་འབེབས་ལས་འགལ་བའི་དོགས་གཞི་ཡོད་པས། སྤྱི་པའི་སྒྲིག་ལམ་དཀྲུགས་པའི་བྱས་ཉེས་སུ་གྲུབ་ཡོད།

9.具有发热、干咳、乏力、嗅觉味觉减退、鼻塞、流涕、咽痛、结膜炎、肌痛和腹泻等症状的人员,未按照疫情防控要求,到发热门诊就医,经劝阻无效的

违反《治安管理处罚法》第五十条,将处以警告或者200元以下罚款;情节严重的,将处以5日以上10日以下拘留,可并处500元以下罚款。引起新型冠状病毒传播或者有传播严重危险的,可能涉嫌《刑法》第三百三十条,构成妨害传染病防治罪。

༩ ཚ་བ་རྒྱས་པ་དང་། སྐམ་གློ་རྒྱག་པ། གཟུགས་པོར་ཤུགས་མེད་པ། སྣོམ་ཚོར་དང་ལྕེ་ཚོར་ཉམས་པ། སྣ་འགག་པ། སྣ་ཆུ་འཛག་པ། མིད་པ་ན་བ། མིག་ཚ་བ། ཤ་གནད་ན་བ། གྲོད་པ་བཤལ་བ་སོགས་ཀྱི་ནད་རྟགས་ཐོན་མཁན་གྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱ་གཞིར་བཟུང་། ཚ་བ་རྒྱས་པའི་སྒོ་བསྟེན་སྨན་ཁང་དུ་མི་འགྲོ་བ་དང་། ཁ་ཏ་བསླབ་བྱ་བྱས་ཀྱང་ཕན་ཐོགས་མེད་པའི་རིགས།

《བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བཅུ་པའི་གཏན་འབེབས་ལས་འགལ་བའི་དོགས་གཞི་ཡོད་ཚེ། ཐ་ཚིག་བསྒྲག་པའམ་ཡང་ན་སྒོར་200མན་ཆད་ཀྱི་དངུལ་ཆད་གཅོད་རྒྱུ་དང་། བྱས་ཉེས་ཚབས་ཆེན་པོ་ཡིན་ཚེ། ཉིན་5ཡན་ཆད་དང་ཉིན་10མན་ཆད་ཀྱི་བཀག་ཉར་བྱེད་རྒྱུ་མ་ཟད་དུས་གཅིག་ཏུ་སྒོར་500མན་ཆད་ཀྱི་དངུལ་ཆད་གཅོད་རྒྱུ། ཏོག་གསར་ནད་དུག་འགོས་ཁྱབ་བྱེད་པའམ་ཡང་ན་འགོས་ཁྱབ་ཀྱི་ཉེན་ཁ་ཚབས་ཆེན་བཟོས་ཚེ། 《ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་སུམ་ཅུ་པའི་གཏན་འབེབས་ལས་འགལ་བའི་དོགས་གཞི་ཡོད་པས། འགོས་ནད་འགོག་བཅོས་བྱེད་རྒྱུར་གནོད་འཚེ་གཏོང་བའི་བྱས་ཉེས་སུ་གྲུབ་ཡོད།

10.集中隔离结束后,不按照规定接受健康监测和管理,经劝阻无效的

违反《治安管理处罚法》第五十条,将处以警告或者200元以下罚款;情节严重的,将处以5日以上10日以下拘留,可并处500元以下罚款。引起新型冠状病毒传播或者有传播严重危险的,可能涉嫌《刑法》第三百三十条,构成妨害传染病防治罪。

༡༠ གཅིག་སྡུད་ལོགས་བཀར་མཇུག་སྒྲིལ་རྗེས། གཏན་འབེབས་གཞིར་བཟུང་བདེ་ཐང་ལྟ་ཞིབ་ཚད་ལེན་དང་དོ་དམ་དང་ལེན་མི་བྱེད་པ་དང་། ཁ་ཏ་བསླབ་བྱ་བྱས་ཀྱང་ཕན་ཐོགས་མེད་པའི་རིགས།

《བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བཅུ་པའི་གཏན་འབེབས་ལས་འགལ་བའི་དོགས་གཞི་ཡོད་ཚེ། ཐ་ཚིག་བསྒྲག་པའམ་ཡང་ན་སྒོར་200མན་ཆད་ཀྱི་དངུལ་ཆད་གཅོད་རྒྱུ་དང་། བྱས་ཉེས་ཚབས་ཆེན་པོ་ཡིན་ཚེ། ཉིན་5ཡན་ཆད་དང་ཉིན་10མན་ཆད་ཀྱི་བཀག་ཉར་བྱེད་རྒྱུ་མ་ཟད་དུས་གཅིག་ཏུ་སྒོར་500མན་ཆད་ཀྱི་དངུལ་ཆད་གཅོད་རྒྱུ། ཏོག་གསར་ནད་དུག་འགོས་ཁྱབ་བྱེད་པའམ་ཡང་ན་འགོས་ཁྱབ་ཀྱི་ཉེན་ཁ་ཚབས་ཆེན་བཟོས་ཚེ། 《ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་སུམ་ཅུ་པའི་གཏན་འབེབས་ལས་འགལ་བའི་དོགས་གཞི་ཡོད་པས། འགོས་ནད་འགོག་བཅོས་བྱེད་རྒྱུར་གནོད་འཚེ་གཏོང་བའི་བྱས་ཉེས་སུ་གྲུབ་ཡོད།

11.疫情防控期间,在家庭住所开设棋牌档、麻将室,违规售卖感冒发热药品的

违反《治安管理处罚法》第五十条,将处以警告或者200元以下罚款;情节严重的,将处以5日以上10日以下拘留,可并处500元以下罚款;或者由有关部门予以其他行政处罚。引起新型冠状病毒传播或者有传播严重危险的,可能涉嫌《刑法》第三百三十条,构成妨害传染病防治罪。

༡༡ རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་། ཁྱིམ་ཚང་ནང་དུ་ཤོ་སྦག་རྒྱག་ས་བཙུགས་པ་དང་སྒྲིག་འགལ་གྱིས་ཆམ་ནད་དང་ཚ་བ་འཇགས་པའི་སྨན་རྫས་སོགས་འཚོང་བའི་རིགས།

《བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བཅུ་པའི་གཏན་འབེབས་ལས་འགལ་བའི་དོགས་གཞི་ཡོད་ཚེ། ཐ་ཚིག་བསྒྲག་པའམ་ཡང་ན་སྒོར་200མན་ཆད་ཀྱི་དངུལ་ཆད་གཅོད་རྒྱུ་དང་། བྱས་ཉེས་ཚབས་ཆེན་པོ་ཡིན་ཚེ། ཉིན་5ཡན་ཆད་དང་ཉིན་10མན་ཆད་ཀྱི་བཀག་ཉར་བྱེད་རྒྱུ་མ་ཟད་དུས་གཅིག་ཏུ་སྒོར་500མན་ཆད་ཀྱི་དངུལ་ཆད་གཅོད་རྒྱུ། ཏོག་གསར་ནད་དུག་འགོས་ཁྱབ་བྱེད་པའམ་ཡང་ན་འགོས་ཁྱབ་ཀྱི་ཉེན་ཁ་ཚབས་ཆེན་བཟོས་ཚེ། 《ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་སུམ་ཅུ་པའི་གཏན་འབེབས་ལས་འགལ་བའི་དོགས་གཞི་ཡོད་པས། འགོས་ནད་འགོག་བཅོས་བྱེད་རྒྱུར་གནོད་འཚེ་གཏོང་བའི་བྱས་ཉེས་སུ་གྲུབ་ཡོད།

12.疫情防控期间,居民违反规定外出参加打牌、餐饮、娱乐等聚集活动,经劝阻无效的

违反《治安管理处罚法》第五十条,将处以警告或者200元以下罚款;情节严重的,将处以5日以上10日以下拘留,可并处500元以下罚款。引起新型冠状病毒传播或者有传播严重危险的,可能涉嫌《刑法》第三百三十条,构成妨害传染病防治罪;确诊病人、病原携带者,隐瞒病情、瞒报行程信息,进入公共场所或者乘坐公共交通工具,造成新型冠状病毒传播的,可能涉嫌《刑法》第一百一十四条、第一百一十五条,构成以危险方法危害公共安全罪。

༡༢ རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་། གྲོང་མིས་གཏན་འབེབས་ལས་འགལ་ནས་ཕྱི་རུ་སྦག་རྒྱག་པ་དང་། གསོལ་སྟོན། རོལ་རྩེད་སོགས་ཀྱི་འདུ་འཛོམས་བྱེད་སྒོའི་ནང་ཞུགས་པ་དང་། ཁ་ཏ་བསླབ་བྱ་བྱས་ཀྱང་ཕན་ཐོགས་མེད་པའི་རིགས།

《བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བཅུ་པའི་གཏན་འབེབས་ལས་འགལ་བའི་དོགས་གཞི་ཡོད་ཚེ། ཐ་ཚིག་བསྒྲག་པའམ་ཡང་ན་སྒོར་200མན་ཆད་ཀྱི་དངུལ་ཆད་གཅོད་རྒྱུ་དང་། བྱས་ཉེས་ཚབས་ཆེན་པོ་ཡིན་ཚེ། ཉིན་5ཡན་ཆད་དང་ཉིན་10མན་ཆད་ཀྱི་བཀག་ཉར་བྱེད་རྒྱུ་མ་ཟད་དུས་གཅིག་ཏུ་སྒོར་500མན་ཆད་ཀྱི་དངུལ་ཚད་གཅོད་རྒྱུ། ཏོག་གསར་ནད་དུག་འགོས་ཁྱབ་བྱེད་པའམ་ཡང་ན་འགོས་ཁྱབ་ཀྱི་ཉེན་ཁ་ཚབས་ཆེན་བཟོས་ཚེ། 《ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་སུམ་ཅུ་པའི་གཏན་འབེབས་ལས་འགལ་བའི་དོགས་གཞི་ཡོད་པས། འགོས་ནད་འགོག་བཅོས་བྱེད་རྒྱུར་གནོད་འཚེ་གཏོང་བའི་བྱས་ཉེས་སུ་གྲུབ་ཡོད། ནད་རྟགས་ཐོན་མཁན་དང་ནད་དུག་ཡོད་མཁན་གྱིས་ནད་གཞི་ཕོག་ཚུལ་སྦས་གསང་བྱས་པ་དང་འགྲོ་འོང་བཤེར་རིས་གསང་ནས། སྤྱི་པའི་འདུ་འཛོམས་ཁུལ་དུ་སོང་བའམ་ཡང་ན་སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་བསྡད་དེ་ཏོག་གསར་ནད་དུག་འགོས་ཁྱབ་བྱས་ཚེ། 《ཉེས་ཁྲིམས》ཀྱི་དོན་ཚན་བརྒྱ་དང་བཅུ་བཞི་པ་དང་། དོན་ཚན་བརྒྱ་དང་བཅོ་ལྔ་པའི་གཏན་འབེབས་ལས་འགལ་བའི་དོགས་གཞི་ཡོད་པས། སྤྱིའི་བདེ་དོན་ལ་གནོད་འཚེ་གཏོང་བའི་བྱས་ཉེས་སུ་གྲུབ་ཡོད།

13.伪造、变造医疗机构核酸检测阴性证明,使用他人健康码、行程码或采取其他方式隐瞒行程、活动轨迹,骗取有关人员信任,出行出访、进入公共场所,引起新型冠状病毒传播或者有传播严重危险的

违反《治安管理处罚法》第五十条,将处以警告或者200元以下罚款;情节严重的,将处以5日以上10日以下拘留,可并处500元以下罚款;或者由有关部门予以其他行政处罚。可能涉嫌《刑法》第三百三十条,构成妨害传染病防治罪。

༡༣ སྨན་བཅོས་སྒྲིག་གཞིའི་ཉིང་སྐྱུར་བརྟག་དཔྱད་ཀྱི་སྲིབ་གཤིས་ངོ་སྤྲོད་རྫུན་མ་བཟོས་པ་དང་། མི་གཞན་གྱི་བདེ་ཐང་བཤེར་རིས་དང་འགྲོ་འོང་བཤེར་རིས་བེད་སྤྱོད་བཏང་བའམ་ཡང་ན་བྱ་ཐབས་གཞག་དག་སྤྱད་དེ་འགྲོ་འོང་བྱས་ཚུལ་སྦས་གསང་བྱས་པ། འབྲེལ་ཡོད་མི་སྣའི་ཡིད་ཆེས་ཐོབ་རེ་བྱས་ནས། ས་ཆ་གང་སར་བསྐྱོད་པ་དང་མི་ཚོགས་འདུ་སར་ཕྱིན་ཏེ། ཏོག་གསར་ནད་དུག་འགོས་ཁྱབ་བྱས་པའམ་ཡང་ན་འགོས་ཁྱབ་ཀྱི་ཉེན་ཁ་ཚབས་ཆེན་བཟོས་པའི་རིགས།

《བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བཅུ་པའི་གཏན་འབེབས་ལས་འགལ་བའི་དོགས་གཞི་ཡོད་ཚེ། ཐ་ཚིག་བསྒྲག་པའམ་ཡང་ན་སྒོར་200མན་ཆད་ཀྱི་དངུལ་ཆད་གཅོད་རྒྱུ་དང་། བྱས་ཉེས་ཚབས་ཆེན་པོ་ཡིན་ཚེ། ཉིན་5ཡན་ཆད་དང་ཉིན་10མན་ཆད་ཀྱི་བཀག་ཉར་བྱེད་རྒྱུ་མ་ཟད་དུས་གཅིག་ཏུ་སྒོར་500མན་ཆད་ཀྱི་དངུལ་ཆད་གཅོད་རྒྱུ། ཏོག་གསར་ནད་དུག་འགོས་ཁྱབ་བྱེད་པའམ་ཡང་ན་འགོས་ཁྱབ་ཀྱི་ཉེན་ཁ་ཚབས་ཆེན་བཟོས་ཚེ། 《ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་སུམ་ཅུ་པའི་གཏན་འབེབས་ལས་འགལ་བའི་དོགས་གཞི་ཡོད་པས། འགོས་ནད་འགོག་བཅོས་བྱེད་རྒྱུར་གནོད་འཚེ་གཏོང་བའི་བྱས་ཉེས་སུ་གྲུབ་ཡོད།

14.协助他人逃避疫情防控检查措施的

违反《治安管理处罚法》第五十条,将处以警告或者200元以下罚款;情节严重的,将处以5日以上10日以下拘留,可并处500元以下罚款。引起新型冠状病毒传播或者有传播严重危险的,可能涉嫌《刑法》第三百三十条,构成妨害传染病防治罪。

༡༤ མི་གཞན་ལ་རོགས་པ་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཞིབ་བཤེར་ལས་གཡོལ་ཐབས་བྱེད་པའི་རིགས།

《བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བཅུ་པའི་གཏན་འབེབས་ལས་འགལ་བའི་དོགས་གཞི་ཡོད་ཚེ། ཐ་ཚིག་བསྒྲག་པའམ་ཡང་ན་སྒོར་200མན་ཆད་ཀྱི་དངུལ་ཆད་གཅོད་རྒྱུ་དང་། བྱས་ཉེས་ཚབས་ཆེན་པོ་ཡིན་ཚེ། ཉིན་5ཡན་ཆད་དང་ཉིན་10མན་ཆད་ཀྱི་བཀག་ཉར་བྱེད་རྒྱུ་མ་ཟད་དུས་གཅིག་ཏུ་སྒོར་500མན་ཆད་ཀྱི་དངུལ་ཆད་གཅོད་རྒྱུ། ཏོག་གསར་ནད་དུག་འགོས་ཁྱབ་བྱེད་པའམ་ཡང་ན་འགོས་ཁྱབ་ཀྱི་ཉེན་ཁ་ཚབས་ཆེན་བཟོས་ཚེ། 《ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་སུམ་ཅུ་པའི་གཏན་འབེབས་ལས་འགལ་བའི་དོགས་གཞི་ཡོད་པས། འགོས་ནད་འགོག་བཅོས་བྱེད་རྒྱུར་གནོད་འཚེ་གཏོང་བའི་བྱས་ཉེས་སུ་གྲུབ་ཡོད།

15.居民和企业不配合开展疫情防控相关的消毒工作,经劝阻无效的

违反《治安管理处罚法》第五十条,将处以警告或者200元以下罚款;情节严重的,将处以5日以上10日以下拘留,可并处500元以下罚款。引起新型冠状病毒传播或者有传播严重危险的,可能涉嫌《刑法》第三百三十条,构成妨害传染病防治罪。以暴力、威胁方法阻碍国家机关工作人员(包括在国家机关中从事疫情防控公务的人员)依法开展疫情调查工作的,可能涉嫌《刑法》第二百七十七条,构成妨害公务罪。

༡༥ གྲོང་མི་དང་ཁེ་ལས་ཀྱིས་རིམས་ནད་སྔོན་འགོག་དང་འཚོད་འཛིན་གྱི་འབྲེལ་ཡོད་དུག་སེལ་ལས་དོན་ལ་གཏན་ནས་གཞོགས་འདེགས་མི་བྱེད་པ་དང་། ཁ་ཏ་བསླབ་བྱ་བྱས་ཀྱང་ཕན་ཐོགས་མེད་པའི་རིགས།

《བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ལྔ་བཅུ་པའི་གཏན་འབེབས་ལས་འགལ་བའི་དོགས་གཞི་ཡོད་ཚེ། ཐ་ཚིག་བསྒྲག་པའམ་ཡང་ན་སྒོར་200མན་ཆད་ཀྱི་དངུལ་ཆད་གཅོད་རྒྱུ་དང་། བྱས་ཉེས་ཚབས་ཆེན་པོ་ཡིན་ཚེ། ཉིན་5ཡན་ཆད་དང་ཉིན་10མན་ཆད་ཀྱི་བཀག་ཉར་བྱེད་རྒྱུ་མ་ཟད་དུས་གཅིག་ཏུ་སྒོར་500མན་ཆད་ཀྱི་དངུལ་ཚད་གཅོད་རྒྱུ། 《ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་སུམ་ཅུ་པའི་གཏན་འབེབས་ལས་འགལ་བའི་དོགས་གཞི་ཡོད་པས། འགོས་ནད་འགོག་བཅོས་བྱེད་རྒྱུར་གནོད་འཚེ་གཏོང་བའི་བྱས་ཉེས་སུ་གྲུབ་ཡོད། རྒྱལ་ཁབ་ལས་ཁུངས་ཀྱི་ལས་དོན་མི་སྣས(ལས་ཁུངས་ནང་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་སྤེལ་མཁན་ཡང་ཚུད་ཡོད)ཁྲིམས་ལྟར་རིམས་ནད་བརྟག་དཔྱད་ལས་དོན་སྤེལ་བར་དྲག་ཤུགས་དང་འཇིགས་སྐུལ་གྱི་བྱ་ཐབས་ལ་བརྟེན་ནས་འགོག་རྐྱེན་བཟོས་ཚེ། 《ཉེས་ཁྲིམས》ཀྱི་དོན་ཚན་ཉིས་བརྒྱ་དོན་བདུན་པའི་གཏན་འབེབས་ལས་འགལ་བའི་དོགས་གཞི་ཡོད་པས། སྤྱི་པའི་སྒྲིག་ལམ་དཀྲུགས་པའི་བྱས་ཉེས་སུ་གྲུབ་ཡོད།

二、违反疫情防控管控经济管理秩序行为

གཉིས། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་ཁྲོད་དཔལ་འབྱོར་དོ་དམ་དང་སྒྲིག་ལམ་ལྟ་འདོམས་ལས་འགལ་བའི་བྱ་སྤྱོད། 

16.疫情期间,恶意囤积、哄抬物价、牟取暴利的

将由市场监督管理部门依法依规予以处理。对于违法所得数额较大或者有其他严重情节,严重扰乱市场秩序的,涉嫌违反国家在预防、控制突发传染病疫情等灾害期间有关市场经营、价格管理等规定,哄抬物价、牟取暴利,严重扰乱市场秩序,违法所得数额较大或者有其他严重情节的,可能涉嫌《刑法》第二百二十五条,构成非法经营罪。

༡༦ རིམས་ནད་རིང་། བསམ་ངན་བཅངས་ནས་ཚོང་ཟོག་སྡེབ་གསོག་བྱེད་པ་དང་། ཟོག་གོང་ཧམ་སྤར་བྱེད་པ། ཚུལ་མིན་ཁེ་ཆེན་རག་ཐབས་བྱེད་པའི་རིགས།

ཁྲོམ་ར་ལྟ་སྐུལ་དོ་དམ་ཚན་པས་སྒྲིག་ཁྲིམས་བཞིན་ཐག་གཅོད་བྱ་རྒྱུ། ཁྲིམས་འགལ་ཐོབ་ཆ་ཅུང་མང་བའམ་ཡང་ན་དེ་མིན་གྱི་ཚབས་ཆེའི་གནས་ཚུལ་ཡོད་པ་དང་། ཁྲོམ་རའི་སྒྲིག་ལམ་ལ་གཏོར་སྐྱོན་ཚབས་ཆེན་གཏོང་བ། ཐོལ་བྱུང་འགོས་ནད་སོགས་གནོད་འཚེ་སྔོན་འགོག་དང་ཚོད་འཛིན་བྱེད་རིང་གི་རྒྱལ་ཁབ་ཀྱི་ཁྲོམ་ར་གཉེར་སྐྱོང་དང་རིན་གོང་དོ་དམ་སོགས་ཀྱི་འབྲེལ་ཡོད་གཏན་འབེབས་ལས་འགལ་ནས་ཟོག་གོང་ཧམ་སྤར་བྱེད་པ་དང་ཚུལ་མིན་ཁེ་ཆེན་རག་ཐབས་བྱས་ཏེ་ཁྲོམ་རའི་སྒྲིག་ལམ་ལ་གཏོར་སྐྱོན་ཚབས་ཆེན་གཏོང་བ་དང་། ཁྲིམས་འགལ་ཐོབ་ཆ་ཅུང་མང་བའམ་ཡང་ན་དེ་མིན་གྱི་ཚབས་ཆེའི་གནས་ཚུལ་རིགས་ནི《ཉེས་ཁྲིམས》ཀྱི་དོན་ཚན་ཉིས་བརྒྱ་དང་རྩ་ལྔ་ལས་འགལ་བའི་དོགས་གཞི་ཡོད་ཅིང་། ཁྲིམས་འགལ་གྱིས་གཉེར་སྐྱོང་བྱེད་པའི་བྱས་ཉེས་སུ་གྲུབ་ཡོད།

17.生产不符合保障人体健康的国家标准、行业标准的医用口罩、护目镜、防护服等医用器材的

由市场监督管理部门予以行政处罚。情节严重的可能涉嫌《刑法》第一百四十五条,将以生产、销售不符合标准的医用器材罪定罪,依法从重处罚。

༡༧ མིའི་གཟུགས་པོའི་བདེ་ཐང་འགན་སྲུང་ཐུབ་པའི་རྒྱལ་ཁབ་ཀྱི་ཚད་གཞི་དང་ལས་རིགས་ཀྱི་ཚད་གཞི་མི་ལོན་པའི་སྨན་སྤྱོད་ཁ་རས་དང་། མིག་སྲུང་མིག་ཤེལ། འགོག་སྲུང་གྱོན་གོས་སོགས་སྨན་སྤྱོད་ཡོ་ཆས་ཐོན་སྐྱེད་བྱེད་མཁན་རིགས།

ཁྲོམ་ར་ལྟ་སྐུལ་དོ་དམ་ཚན་པས་སྲིད་འཛིན་ཆད་པ་གཅོད་རྒྱུ། གནས་ཚུལ་ཚབས་ཆེ་རིགས《ཉེས་ཁྲིམས》ཀྱི་དོན་ཚན་བརྒྱ་དང་ཞེ་ལྔ་ལས་འགལ་བའི་དོགས་གཞི་ཡོད་ཅིང་། ཚད་གཞི་མི་ལོན་པའི་སྨན་སྤྱོད་ཡོ་ཆས་ཐོན་སྐྱེད་དང་ཕྱིར་འཚོང་བྱེད་པའི་ཉེས་པར་གཏན་འཁེལ་བྱས་ནས་ཁྲིམས་ལྟར་ཐག་གཅོད་ནན་པོ་བྱེད་རྒྱུ་ཡིན།

18.在疫情防控期间,假借研制、生产或者销售用于疫情防控的物品的名义骗取公私财物,或者捏造事实骗取公众捐赠款物,数额较大的

可能涉嫌《刑法》第二百六十六条,以诈骗罪定罪处罚。

༡༨ རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དངོས་རྫས་བཟོ་བ་དང་། ཐོན་སྐྱེད་བྱེད་པའམ་ཡང་ན་ཕྱིར་འཚོང་བྱེད་པ་སོགས་ལ་ཁ་གཡར་ཏེ། གཞུང་སྒེར་གྱི་རྒྱུ་ནོར་སླུ་འཕྲོག་གམ་ཡང་ན་དོན་དངོས་ལ་ཁུངས་མེད་རྫུན་བཟོ་བྱས་ནས་སྤྱི་དམངས་ཀྱི་ཞལ་འདེབས་བརྒྱབ་པའི་རྒྱུ་དངུལ་སླུ་འཕྲོག་བྱས་འབོར་མང་ཙམ་ཡིན་པའི་རིགས།

དེ་ནི《ཉེས་ཁྲིམས》ཀྱི་དོན་ཚན་ཉིས་བརྒྱ་དང་རེ་དྲུག་པ་ལས་འགལ་བའི་དོགས་གཞི་ཡོད་ཅིང་། ཁ་བསླུས་རྒྱག་པའི་ཉེས་པར་གཏན་འཁེལ་བྱས་ནས་ཁྲིམས་ལྟར་ཐག་གཅོད་བྱེད་རྒྱུ་ཡིན།

三、其他违反疫情防控管控违法犯罪行为

གསུམ། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རྒྱུར་ལྟ་འདོམས་བྱེད་པ་ལས་འགལ་བའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་གཞན་དག

19.利用新型冠状病毒感染肺炎疫情制造、传播谣言,煽动分裂国家、破坏国家统一,或者煽动颠覆国家政权、推翻社会主义制度的

可能涉嫌《刑法》第一百零三条第二款、第一百零五条第二款,以煽动分裂国家罪或者煽动颠覆国家政权罪立案侦查。

༡༩ ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་ཁ་གཡར་ཏེ་དཀྲོག་གཏམ་བཟོ་བ་དང་དཀྲོག་གཏམ་བརྒྱུད་བསྒྲགས་བྱས་ནས་རྒྱལ་ཁབ་ཁ་ཕྲལ་གཏོང་རྒྱུའི་ངན་སྐུལ་བྱེད་པ་དང་། རྒྱལ་ཁབ་གོང་བུ་གཅིག་ཏུ་སྒྲིལ་པར་གཏོར་བཤིག་གཏོང་བའམ་ཡང་ན། རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མགོ་རྟིང་སློག་རྒྱུའི་ངན་སྐུལ་བྱས་རིགས།

དེ་ནི《ཉེས་ཁྲིམས》ཀྱི་དོན་ཚན་བརྒྱ་དང་གསུམ་པའི་ནང་གསེས་གཉིས་པ་དང་། དོན་ཚན་བརྒྱ་དང་ལྔ་པའི་ནང་གསེས་གཉིས་པ་ལས་འགལ་བའི་དོགས་གཞི་ཡོད་ཅིང་། རྒྱལ་ཁབ་ཁ་ཕྲལ་གཏོང་རྒྱུའི་ངན་སྐུལ་བྱེད་པའི་ཉེས་པ་དང་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་རྒྱུའི་ངན་སྐུལ་བྱེད་པའི་ཉེས་པར་གཏན་འཁེལ་བྱས་ནས་གྱོད་དོན་ཐོ་འགོད་བྱས་ཏེ་རྩད་ཞིབ་བྱེད་རྒྱུ་ཡིན།

20.疫情防控期间,编造虚假疫情信息,在网络等公众场合散布的,或者明知是虚假信息还帮助散布和传播的

违反《突发事件应对法》第六十五条,将处以责令改正,给予警告;造成严重后果的,将依法暂停业务活动或者吊销执业许可证。违反《治安管理处罚法》第二十五条,将处以5日以上10日以下拘留,可并处500元以下罚款;情节较轻的,将处以5日以下拘留或者500元以下罚款。严重扰乱社会秩序的,可能涉嫌《刑法》第二百九十一条,构成编造、故意传播虚假信息罪。

༢༠ རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་། རིམས་ནད་སྐོར་གྱི་ཆ་འཕྲིན་རྫུན་བཟོ་བྱས་ནས་དྲ་བ་སོགས་མི་མང་འཛོམས་སར་ཁྱབ་བསྒྲགས་བྱེད་པའམ་ཡང་ན། ཆ་འཕྲིན་རྫུན་མ་ཡིན་པ་ཤེས་བཞིན་དུ་ཁྱབ་བསྒྲགས་དང་བརྒྱུད་བསྒྲགས་བྱེད་རོགས་བྱེད་པའི་རིགས།

དེ་ནི《ཐོལ་བྱུང་དོན་རྐྱེན་ཁ་གཏད་གཅོག་པའི་བཅའ་ཁྲིམས》ཀྱི་དོན་ཚན་རེ་ལྔ་པ་ལས་འགལ་ཞིང་ཡོ་བསྲང་བྱེད་རྒྱུའི་འགན་དཀྲི་རྒྱུ་དང་ཐ་ཚིག་སྒྲོག་རྒྱུ། མཇུག་འབྲས་ཚབས་ཆེན་བཟོས་རིགས་ལ་ཁྲིམས་བཞིན་ལས་སྒོ་སྤེལ་མཚམས་འཇོག་་པའམ་ཡང་ན་ལས་འཛིན་འཁྲོལ་ཡིག་མེད་པར་བཟོ་རྒྱུ། དེ་དང་ཆབས་ཅིག《བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ཉེར་ལྔ་པ་ལས་འགལ་ཞིང་། ཉིན་ལྔ་ཡན་དང་ཉིན་བཅུ་མན་གྱི་བཀག་ཉར་བྱ་རྒྱུ་དང་སྒོར་500མན་གྱི་ཆད་དངུལ་གཅོད་རྒྱུ། གནས་ཚུལ་ཚབས་ཆུང་བའི་རིགས་ལ་ཉིན་ལྔ་མན་གྱི་བཀག་ཉར་དང་སྒོར་500མན་གྱི་ཆད་དངུལ་གཅོད་རྒྱུ། སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་གཏོར་བཤིག་ཚབས་ཆེན་བཏང་བའི་རིགས་ནི《ཉེས་ཁྲིམས》ཀྱི་དོན་ཚན་ཉིས་བརྒྱ་དང་གོ་གཅིག་པ་ལས་འགལ་བའི་དོགས་གཞི་ཡོད་ཅིང་། ཆ་འཕྲིན་རྫུན་བཟོ་བྱས་ཏེ་རྐང་བཙུགས་ནས་བརྒྱུད་བསྒྲགས་བྱེད་པའི་བྱས་ཉེས་སུ་གྲུབ་ཡོད།

21.故意泄露传染病人、病原携带者、疑似传染病人、密切接触者涉及个人隐私的有关信息、资料的

违反《治安管理处罚法》第四十二条,将处以5日以下拘留或者500元以下罚款;情节较重的,将处以5日以上10日以下拘留,可并处500元以下罚款。国家机关或者教育、医疗等单位在履行职责服务过程中获得的公民个人信息,出售或者非法提供给他人,情节严重的,可能涉嫌《刑法》第二百五十三条,构成侵犯公民个人信息罪。

༢༡ འགོས་ནད་ན་བའི་ནད་པ་དང་། ནད་གཞི་ཡོད་མཁན། འགོས་ནད་ཕོག་དོགས་ཆེ་བའི་ནད་པ། རེག་ཐུག་ཉེ་བཅར་བྱེད་མཁན་བཅས་ཀྱི་མི་སྒེར་གྱི་གསོང་དོན་དང་འབྲེལ་བ་ཡོད་པའི་ཆ་འཕྲིན་དང་དཔྱད་ཡིག་རྐང་བཙུགས་ནས་ཕྱིར་གྱར་རིགས།

དེ་ནི《བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ཞེ་གཉིས་པ་ལས་འགལ་ཞིང་། ཉིན་ལྔ་མན་གྱི་བཀག་ཉར་དང་སྒོར་500མན་གྱི་ཆད་དངུལ་གཅོད་རྒྱུ། གནས་ཚུལ་ཚབས་ཆེ་བའི་རིགས་ལ་ཉིན་ལྔ་ཡན་དང་ཉིན་བཅུ་མན་གྱི་བཀག་ཉར་བྱ་རྒྱུ་དང་སྒོར་500མན་གྱི་ཆད་དངུལ་གཅོད་རྒྱུ། རྒྱལ་ཁབ་ལས་ཁུངས་དང་། སློབ་གསོ། སྨན་བཅོས་སོགས་ཚན་པས་འགན་འཁྲི་སྒྲུབ་པའི་བརྒྱུད་རིམ་ཁྲོད་ཐོབ་པའི་སྤྱི་དམངས་ཀྱི་མི་སྒེར་གྱི་ཆ་འཕྲིན་དེ་མི་གཞན་ལ་འཚོང་བའམ་ཡང་ན་ཁྲིམས་མིན་གྱིས་མཁོ་འདོན་བྱས་པའི་གནས་ཚུལ་ཚབས་ཆེ་རིགས་ནི《ཉེས་ཁྲིམས》ཀྱི་དོན་ཚན་ཉིས་བརྒྱ་དང་ང་གསུམ་པ་ལས་འགལ་བའི་དོགས་གཞི་ཡོད་ཅིང་། སྤྱི་དམངས་ཀྱི་མི་སྒེར་གྱི་ཆ་འཕྲིན་ལ་བཙན་གནོད་བྱེད་པའི་བྱས་ཉེས་སུ་གྲུབ་ཡོད།

22.疫情防控期间,故意伤害医务人员造成轻伤以上的严重后果,或者对医务人员实施撕扯防护装备、吐口水等行为,致使医务人员感染新型冠状病毒的

可能涉嫌《刑法》第二百三十四条,构成故意伤害罪;随意殴打医务人员,情节恶劣的,可能涉嫌《刑法》第二百九十三条,构成寻衅滋事罪;采取暴力或其他方法公然侮辱、恐吓医务人员,情节严重或情节恶劣的,可能涉嫌《刑法》第二百四十六条、第二百九十三条,构成侮辱罪或者寻衅滋事罪。

༢༢ རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་རིང་རྐང་བཙུགས་ནས་སྨན་དོན་མི་སྣར་གནོད་འཚེ་བཏང་སྟེ་རྨས་སྐྱོན་ཆུང་རིགས་ཡན་གྱི་ཚབས་ཆེའི་མཇུག་འབྲས་བཟོ་བའམ་ཡང་ན་སྨན་དོན་མི་སྣའི་འགོག་སྲུང་གོ་ཆས་དབྲལ་བ་དང་ཐུ་ལུད་རྒྱག་པ་སོགས་བྱས་ནས་སྨན་དོན་མི་སྣར་ཏོག་གསར་གློ་ཚད་འགོས་སུ་འཇུག་པའི་རིགས།

དེ་ནི《ཉེས་ཁྲིམས》ཀྱི་དོན་ཚན་ཉིས་བརྒྱ་དང་སོ་བཞི་པ་ལས་འགལ་བའི་དོགས་གཞི་ཡོད་ཅིང་། རྐང་བཙུགས་ནས་གནོད་འཚེ་གཏོང་བའི་བྱས་ཉེས་སུ་གྲུབ་ཡོད། གང་བྱུང་གིས་སྨན་དོན་མི་སྣ་ཉེས་རྡུང་བཏང་ནས་མཇུག་འབྲས་ངན་པ་བཟོས་པའི་རིགས་ནི《ཉེས་ཁྲིམས》ཀྱི་དོན་ཚན་ཉིས་བརྒྱ་དང་གོ་གསུམ་པ་ལས་འགལ་བའི་དོགས་གཞི་ཡོད་ཅིང་། བསྙད་བརྐོ་ཟིང་སློང་བྱེད་པའི་བྱས་ཉེས་སུ་གྲུབ་ཡོད། གཏུམ་སྤྱོད་དང་དེ་མིན་གྱི་བྱ་ཐབས་སྤྱད་དེ་སྨན་དོན་མི་སྣར་འཛེམ་བག་མེད་པར་བརྙས་བཅོས་དང་འཇིགས་སྐུལ་བྱས་ནས་གནས་ཚུལ་ཚབས་ཆེ་འམ་ཡང་ན་མཇུག་འབྲས་ངན་པ་བཟོས་རིགས་ནི《ཉེས་ཁྲིམས》ཀྱི་དོན་ཚན་ཉིས་བརྒྱ་དང་ཞེ་དྲུག་པ་དང་དོན་ཚན་ཉིས་བརྒྱ་དང་གོ་གསུམ་པ་ལས་འགལ་བའི་དོགས་གཞི་ཡོད་ཅིང་། བརྙས་བཅོས་བྱེད་པའམ་ཡང་ན་བསྙད་བརྐོ་ཟིང་སློང་བྱེད་པའི་བྱས་ཉེས་སུ་གྲུབ་ཡོད།

23.基层医疗卫生机构违反首诊负责制,擅自接诊发热病人,造成严重后果的

将依法暂停业务活动或者吊销执业许可证。引起新型冠状病毒传播或者有传播严重危险的,可能涉嫌《刑法》第三百三十条,构成妨害传染病防治罪。

༢༣ གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་ཐོག་མ་བཅོས་མཁན་གྱི་འགན་འཁྲིའི་ལམ་ལུགས་ལ་འགལ་ཏེ། རང་དགར་གྱིས་ཚ་བ་བརྒྱབ་པའི་ནད་པ་བརྟག་བཅོས་བྱས་ནས་མཇུག་འབྲས་ཚབས་ཆེན་བཟོ་རིགས།

ཁྲིམས་ལྟར་ལས་སྒོ་སྤེལ་མཚམས་འཇོག་པའམ་ཡང་ན་ལས་འཛིན་འཁྲོལ་ཡིག་མེད་པར་བཟོ་རྒྱུ། ཏོག་གསར་གློ་ཚད་ཀྱི་ནད་དུག་ཁྱབ་འགྱེད་བྱེད་པའམ་ཡང་ན་ཉེན་ཁ་ཚབས་ཆེན་ཁྱབ་འགྱེད་བྱས་རིགས་ནི《ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་དང་སུམ་ཅུ་པ་ལས་འགལ་བའི་དོགས་གཞི་ཡོད་ཅིང་། འགོས་ནད་འགོག་བཅོས་ལ་འགོག་རྐྱེན་བཟོ་བའི་བྱས་ཉེས་སུ་གྲུབ་ཡོད།

24.违反疫情防控规定,乱扔口罩、防护服等医疗防护用品等,违反传染病防治法等疫情防控规定,随意处置含新型冠状病毒病原体的医疗防护用品、器材、医疗生活废物以及其他有毒有害物质,严重污染环境的

可能涉嫌《刑法》第三百三十八条,构成污染环境罪。故意投放新冠肺炎病原体,严重危害公共安全,致人重伤、死亡或者使公私财产遭受重大损失的,可能涉嫌《刑法》第一百一十四条、第一百一十五条,构成以危险方法危害公共安全罪。

༢༤ རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཏན་འབེབས་ལས་འགལ་ཏེ་ཁ་རས་དང་འགོག་སྲུང་གྱོན་ཆས་སོགས་སྨན་སྤྱོད་ཡོ་ཆས་གང་བྱུང་གཡུག་པ་སོགས། འགོས་ནད་འགོག་བཅོས་བཅའ་ཁྲིམས་སོགས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཏན་འབེབས་ལས་འགལ་ཏེ་ཏོག་གསར་གློ་ཚད་ནད་དུག་གི་ནད་རྒྱུ་འགོས་པའི་སྨན་བཅོས་འགོག་སྲུངསྤྱོད་རྫས་དང་། ཡོ་ཆས། སྨན་བཅོས་འཚོ་བའི་ཟོག་རོ། དེ་བཞིན་དུག་ལྡན་གནོད་ལྡན་དངོས་པོ་གང་བྱུང་ཐག་གཅོད་བྱས་ནས། ཁོར་ཡུག་སྦགས་བཙོག་ཚབས་ཆེན་བཟོ་བའི་རིགས།

དེ་ནི《ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་དང་སོ་བརྒྱད་པ་ལས་འགལ་བའི་དོགས་གཞི་ཡོད་ཅིང་། ཁོར་ཡུག་སྦགས་བཙོག་བཟོ་བའི་བྱས་ཉེས་སུ་གྲུབ་ཡོད། རྐང་བཙུགས་ནས་ཏོག་གསར་གློ་ཚད་ཀྱི་ནད་རྒྱུ་གཏོང་འཇུག་བྱས་ནས་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་ཚབས་ཆེན་བཏང་སྟེ་མི་ཤི་རྨས་བྱུང་བའམ་ཡང་ན་གཞུང་སྒེར་གྱི་རྒྱུ་ནོར་ལ་གཏོར་སྐྱོན་ཚབས་ཆེན་བཏང་བའི་རིགས་ནི《ཉེས་ཁྲིམས》ཀྱི་དོན་ཚན་བརྒྱ་དང་བཅུ་བཞི་པ་དང་དོན་ཚན་བརྒྱ་དང་བཅོ་ལྔ་པ་ལས་འགལ་བའི་དོགས་གཞི་ཡོད་ཅིང་། ཉེན་ཆེའི་བྱ་ཐབས་སྤྱད་དེ་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་བྱས་ཉེས་སུ་གྲུབ་ཡོད།

25.病人或者疑似病人拒绝或者擅自脱离隔离治疗的,拒绝隔离治疗或者隔离期未满擅自脱离隔离治疗的

违反《传染病防治法》第三十九条第一款,可以由公安机关协助医疗机构采取强制隔离治疗措施。

༢༥ ནད་པའམ་ཡང་ན་དོགས་ཡོད་ནད་པས་རང་དགར་གྱིས་ལོགས་བཀར་སྨན་བཅོས་བྱེད་པ་ནས་བྲལ་བའི་རིགས་དང་། ལོགས་བཀར་སྨན་བཅོས་བྱེད་དུ་མི་འཇུག་པའམ་ཡང་ན་ལོགས་བཀར་དུས་ཚད་མ་གཙང་ཡང་ལོགས་བཀར་སྨན་བཅོས་བྱེད་པ་ནས་བྲལ་བའི་རིགས།

དེ་ནི《འགོས་ནད་འགོག་བཅོས་བཅའ་ཁྲིམས》ཀྱི་དོན་ཚན་སོ་དགུ་པའི་ནང་གསེས་དང་པོ་ལས་འགལ་ཡོད་ཅིང་། སྤྱི་བདེ་ཚན་པས་སྨན་བཅོས་ལས་ཁུགས་ལ་གཞོགས་འདེགས་བྱས་ནས་ལོགས་བཀར་སྨན་བཅོས་ཀྱི་བཙན་ཤེད་བྱ་ཐབས་སྤྱོད་ཆོག

26.检测机构未经检验检测出具检验检测结果报告或出具虚假检验检测结果报告,或者制售或购买虚假检验检测结果报告,引起新型冠状病毒传播或者有传播严重危险的

可能涉嫌《刑法》第三百三十条,构成妨害传染病防治罪。

༢༦ ཞིབ་དཔྱད་ཚད་ལེན་ལས་ཁུངས་ཀྱིས་ཞིབ་དཔྱད་ཚད་ལེན་མ་བྱས་པར་ཞིབ་དཔྱད་ཚད་ལེན་བྱས་འབྲས་སྙན་ཞུ་འདོན་པའམ་ཡང་ན་ཞིབ་དཔྱད་ཚད་ལེན་བྱས་འབྲས་སྙན་ཞུ་རྫུན་བཟོ་བྱེད་པ། ཡང་ན་ཞིབ་དཔྱད་ཚད་ལེན་བྱས་འབྲས་སྙན་ཞུ་རྫུན་མ་བཟོ་བའམ་ཉོས་ནས་ཏོག་གསར་གློ་ཚད་ཀྱི་ནད་དུག་ཁྱབ་འགྱེད་དུ་འགྲོ་བའམ་ཡང་ན་ཁྱབ་འགྱེད་དུ་འགྲོ་བའི་ཉེན་ཁ་ཚབས་ཆེན་ཡོད་པའི་རིགས།

དེ་ནི《ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་དང་སུམ་ཅུ་པ་ལས་འགལ་བའི་དོགས་གཞི་ཡོད་ཅིང་། འགོས་ནད་འགོག་བཅོས་བྱེད་པར་གནོད་འཚེ་གཏོང་བའི་བྱས་ཉེས་སུ་གྲུབ་ཡོད།

27.在疫情期间,故意传播新冠肺炎病原体,危害公共安全的

如感染新型冠状病毒者抗拒疫情防控措施,故意传播新型冠状病毒感染肺炎病原体危害公共安全,已经确诊的新型冠状病毒感染肺炎病人、病原携带者,拒绝隔离治疗或者隔离期未满擅自脱离隔离治疗,并进入公共场所或者乘坐公共交通工具的;新型冠状病毒感染肺炎疑似病人拒绝隔离治疗或者隔离期未满擅自脱离隔离治疗,并进入公共场所或者乘坐公共交通工具,造成新型冠状病毒传播的,可能涉嫌《刑法》第一百一十四条、第一百一十五条,构成以危险方法危害公共安全罪。

༢༧ རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་། རྐང་བཙུགས་ནས་ཏོག་གསར་གློ་ཚད་ཀྱི་ནད་རྒྱུ་ཁྱབ་མཆེད་བཏང་སྟེ་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་རིགས།

ཏོག་གསར་གློ་ཚད་ཀྱི་ནད་དུག་འགོས་པའི་ནད་པས་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་ཐབས་ལག་བསྟར་མི་བྱེད་པར་རྐང་བཙུགས་ནས་ཏོག་གསར་གློ་ཚད་ཀྱི་ནད་རྒྱུ་ཁྱབ་མཆེད་བཏང་སྟེ་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་གཏོང་བ་དང་། ཏོག་གསར་གློ་ཚད་ཕོག་པའི་ནད་པ་དང་ནད་རྒྱུ་འགོས་པའི་མིས་ལོགས་བཀར་སྨན་བཅོས་མི་བྱེད་པའམ་ཡང་ན་ལོགས་བཀར་དུས་ཚད་མ་གཙང་ཡང་ལོགས་བཀར་སྨན་བཅོས་བྱེད་པ་ནས་བྲལ་བ་མ་ཟད། མི་མང་འདུ་འཛོམས་བྱེད་གནས་སུ་འགྲོ་བའམ་ཡང་ན་སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་ནང་བསྡད་དེ་ཏོག་གསར་གློ་ཚད་ཀྱི་ནད་དུག་ཁྱབ་མཆེད་བཏང་བའི་རིགས་ནི《ཉེས་ཁྲིམས》ཀྱི་དོན་ཚན་བརྒྱ་དང་བཅུ་བཞི་པ་དང་དོན་ཚན་བརྒྱ་དང་བཅོ་ལྔ་པ་ལས་འགལ་བའི་དོགས་གཞི་ཡོད་ཅིང་། ཉེན་ཆེའི་བྱ་ཐབས་སྤྱད་དེ་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་གཏོང་བའི་བྱས་ཉེས་སུ་གྲུབ་ཡོད།

28.从事实验、保藏、携带、运输传染病菌种、毒种的人员,违反国务院卫生行政部门的有关规定,造成传染病菌种、毒种扩散,后果严重的

可能涉嫌《刑法》第三百三十一条,构成传染病菌种、毒种扩散罪。

༢༨ འགོས་ནད་དུག་སྲིན་དང་དུག་རྒྱུ་ཚོད་ལྟ་དང་། ཉར་ཚགས། འཁྱེར་བ། དབོར་འདྲེན་བྱེད་མཁན་མི་སྣས་རྒྱལ་སྲིད་སྤྱི་ཁྱབ་ཁང་འཕྲོད་བསྟེན་སྲིད་འཛིན་སྡེ་ཚན་གྱི་འབྲེལ་ཡོད་གཏན་འབེབས་ལས་འགལ་ཏེ་འགོས་ནད་དུག་སྲིན་དང་དུག་རྒྱུ་ཁྱབ་མཆེད་ཕྱིན་ནས་མཇུག་འབྲས་ཚབས་ཆེ་བཟོས་པའི་རིགས།

དེ་ནི《ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་དང་སོ་གཅིག་པ་ལས་འགལ་བའི་དོགས་གཞི་ཡོད་ཅིང་། འགོས་ནད་དུག་སྲིན་དང་དུག་རྒྱུ་ཁྱབ་མཆེད་གཏོང་བའི་བྱས་ཉེས་སུ་གྲུབ་ཡོད།

29.违反国境卫生检疫规定,在出入境时采取逃避、蒙混或者其他手段,不接受国境卫生检疫机关对人身或者物品的医学检查、卫生检查和必要的卫生处理,以及其他违反应当接受国境卫生检疫义务,引起检疫传染病传播的

可能涉嫌《刑法》第三百三十二条,构成妨害国境卫生检疫罪。

༢༩ རྒྱལ་མཚམས་ཀྱི་འཕྲོད་བསྟེན་རིམས་ནད་ཞིབ་བཤེར་གྱི་གཏན་འབེབས་ལས་འགལ་ཏེ། རྒྱལ་མཚམས་ནས་འགྲོ་འོང་བྱེད་སྐབས་གཡོལ་ཐབས་བྱེད་པའམ་མགོ་སྐོར་གཏོང་བ། ཡང་ན་ཐབས་ཤེས་གཞན་དག་སྤྱད་དེ་རྒྱལ་མཚམས་ཀྱི་འཕྲོད་བསྟེན་རིམས་ནད་ཞིབ་བཤེར་ལས་ཁུངས་ཀྱིས་མི་གཟུགས་པོ་དང་ཅ་དངོས་ལ་གསོ་རིག་བརྟག་དཔྱད་དང་། འཕྲོད་བསྟེན་ཞིབ་བཤེར། དེ་བཞིན་དགོས་ངེས་ཀྱི་འཕྲོད་བསྟེན་ཐག་གཅོད་བཅས་དང་ལེན་མི་བྱེད་པ་དང་། རྒྱལ་མཚམས་ཀྱི་འཕྲོད་བསྟེན་རིམས་ནད་ཞིབ་བཤེར་གྱི་འོས་འགན་གཞན་མ་སྒྲུབ་པའི་རྐྱེན་གྱིས་འགོས་ནད་ཁྱབ་མཆེད་དུ་སོང་བའི་རིགས།

དེ་ནི《ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་དང་སོ་གཉིས་པ་ལས་འགལ་བའི་དོགས་གཞི་ཡོད་ཅིང་། རྒྱལ་མཚམས་ཀྱི་འཕྲོད་བསྟེན་རིམས་ནད་ཞིབ་བཤེར་བྱ་རྒྱུར་གནོད་འཚེ་གཏོང་བའི་བྱས་ཉེས་སུ་གྲུབ་ཡོད།

30.对输入《进出境动植物检疫法》规定的禁止进境物逃避检疫,或者对特许进境的禁止进境物未有效控制与处置,导致其逃逸、扩散的

可能涉嫌《刑法》第三百三十七条,构成妨害动植物防疫、检疫罪。

༣༠《རྒྱལ་ཁོངས་ནས་ནང་འདྲེན་ཕྱིར་གཏོང་བྱེད་པའི་སྲོག་ཆགས་དང་རྩི་ཤིང་གི་རིམས་ནད་ཞིབ་བཤེར་བཅའ་ཁྲིམས》ཀྱིས་གཏན་འབེབས་བྱས་པའི་རྒྱལ་ཁོངས་ནས་ནང་འདྲེན་བྱེད་པའི་དངོས་ཟོག་གིས་རིམས་ནད་ཞིབ་བཤེར་བྱེད་པ་ལས་གཡོལ་མི་ཆོག་པ་དང་། ཡང་ན་དམིགས་བསལ་གྱི་བཀའ་འཁྲོལ་ཐོབ་ནས་རྒྱལ་ཁོངས་ནས་ནང་འདྲེན་བྱེད་པའི་དངོས་ཟོག་ལ་ཚོད་འཛིན་དང་ཐག་གཅོད་ཡག་པོ་མ་ཐུབ་པར་དེ་ཉིད་བྲོས་བྱོལ་དུ་ཕྱིན་པ་དང་རྒྱ་ཁྱབ་ཏུ་ཕྱིན་པའི་རིགས།

དེ་ནི《ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་དང་སོ་བདུན་པ་ལས་འགལ་བའི་དོགས་གཞི་ཡོད་ཅིང་། སྲོག་ཆགས་དང་རྩི་ཤིང་གི་རིམས་ནད་སྔོན་འགོག་དང་རིམས་ནད་ཞིབ་བཤེར་ལ་གནོད་འཚེ་གཏོང་བའི་བྱས་ཉེས་སུ་གྲུབ་ཡོད།

责任编辑:仓拉

公安备案号:藏公网安备 54242402000001号 工信部备案号:藏ICP备2021000261号-1 网站标识码:5424240001 版权所有:聂荣县人民政府 技术支持:西藏传媒集团

中国互联网举报中心